Google forms
https://docs.google.com/forms/d/1VAPL20EgkL1cmpV6gQqAktH3XkOWfynYFBJ-QzEzrv8/edit གུ་གཱལ་ཕཱོམས་ ཟེར་བའི་ ལྷབ་སྦྱང་སྦྱང་གི་མཁོ་ཆས་འདི་ དུས་རབས་༢༡ པའི་དུས་ལུ་ ལྷབ་སྦྱང་ཐབས་རིག་གི་ནང་ལས་ གཙོ་རིམ་ཆེ་ཤོས་ཅིག་འབད་བརྩིཝ་ཨིན། ཐབས་རིག་འདི་ སློབ་ཕྲུག་ཚུ་གི་ ཤེས་ཡོན་གྱི་གནས་ཚད་བརྟག་ཞིབ་འབད་ནི་དང་ དབྱེ་ཞིབ་འབད་ནི་ལུ་ ཕན་བརླབ་ཆེ་བའི་ ཐབས་ཤེས་ངོ་མ་ཅིག་ཨིན། དེ་ཡང་ སློབ་སྟོན་འབད་བའི་གནས་སྐབས་ལུ་ སློབ་སྟོན་པ་ཚུ་གིས་ རིག་བསྡུར་གྱི་དྲི་བ་མ་འདྲཝ་བཟོ་སྟེ་ སློབ་སྟོན་འབད་ཚུགས། རིག་བསྡུར་དེ་ཡང་ དང་པ་ པ་རིས་ལག་ལེན་འཐབ་སྟེ་རིག་བསྡུར་བཟོ་ནི་ ལན་ཐུང་དང་ལན་རིང་གི་དྲི་བ་བཟོ་ནི་ སྒྲ/ཞབས་ཁྲ་ངོས་འཛིན་འབད་ནི་ ལ་སོགས་པ་ཚུ་གི་རིག་བསྡུར་དང་འབྲེལ་བའི་དྲི་བ་བཟོ་ཞིནམ་ལས་ སློབ་སྟོན་འབད་ནི་ལུ་སྟབས་བདེ་ཏོག་ཏོ་འདུག ཐབས་ལམ་འདི་ ཞིབ་འཚོལ་དང་འབྲེལ་བའི་གནས་སྡུད་བསྡུ་ལེན་འབད་དགོ་པ་ཅིན་ ས་གནས་སོ་སོར་ལས་ཕར་འགྱོ་མ་དགོ་པར་ རང་སྡོད་སའི་ས་གོ་ནང་ལས་ར་ གུ་གཱལ་ཕཱོམས་ཀྱི་ ཐབས་རིག་འདི་ལག་ལེན་འཐབ་སྟེ་ གནས་ཚུལ་ག་ཨིནམ་སྦེ་ ལེན་ཚུགས་པའི་ཕན་པ་ཡོད། སློབ་སྟོན་པ་ཚུ་གིས་ཡང་ སྡེབ་ཕབ་ གནས་ཚད་བརྟག་ཞིབ་ ལྷབ་སྦྱང་གི་གནས་རིམ་ཚུ་ག་ར་ ཐབས་རིག་འདི་གི་ཐོག་ལུ་ ...