Googlesheet

https://docs.google.com/spreadsheets/d/1S-M9X9f0x3PK_mW2DHmeMEmfK87A2UNDG5gR1zUK3gE/edit#gid=0

གུ་གཱལ་ཤིཊ།

དུས་རབས་༢༡ པའི་དུས་ལུ་ གུ་གཱལ་ཤིཊ་འདི་ གལ་གནད་ཅན་ཅིག་ཨིན་མས། ཐབས་རིག་འདི་ལས་བརྟེན་ སློབ་ཁང་གི་སློབ་སྟོན་འཆར་གཞི་བཟོ་ནི་ རྩིས་བསྡོམ་བཏོན་ནི་ གྱལ་རིམ་དང་ བཙར་གྲལ་བཟོ་ནི་ལུ་ཁེ་ཕན་འདུག། དུས་ཀྱི་འཕོ་འགྱུར་དང་བསྟུན་ ཡོད་ཐོ་བཀོད་ནི་ དུས་རྒྱུན་གཞི་བཟོ་དབྱེ་ཞིབ་ཀྱི་ཤོག་ཁྲམ་ཚུ་བཟོ་སྟེ་ དབྱེ་ཞིབ་འབད་ནི་ལུ་ཕན་ཐོགས་ཡོདཔ་ཨིན། དེ་མ་ཚད་ དེང་སང་གི་དུས་ལུ་ སློབ་ཕྲུག་ཚུ་གི་གྲུབ་འབྲས་བཟོ་ནིའི་ལཱ་ཚུ་ གུ་གཱལ་ཤིཊ་ལག་ལེན་འཐབ་སྟེ་བཟོཝ་ཨིན། ལས་སྡེ་ཚུ་ནང་ལས་ཕར་ཡང་ གནས་སྡུད་བསྡུ་ནི་ དྲན་ཐོ་དང་རྩིས་ཁྲ་བཞག་ནི་གི་མཁོ་ཆས་སྦེ་ ལག་ལེན་འཐབ་ཨིན།

གུ་གཱལ་ཤིཊ་འདི་སློབ་ཕྲུག་ཚུ་ལུ་ ཆོས་རྒྱུགས་དང་འབྲེལ་བའི་ གནས་ཚད་དབྱེ་དཔྱད་འབད་ནི་དང་ ཕན་ནུས་ཅན་གྱི་སློབ་སྟོན་བརྡ་སྤྲོད་འབད་ཚུགས་པའི་ མཁོ་ཆས་ཅིག་ཡང་ཨིན། སློབ་ཁང་ནང་ལས་ཕར་ སློབ་ཕྲུག་ཚུ་ལུ་ ལན་ཐུང་དང་ལན་རིང་གི་དྲི་བ་ཚུ་ གུ་གཱལ་ཤིཊ་ནང་ལུ་སྦེ་བཀོད་དེ་ ལྷབ་སྦྱང་གི་གནས་རིམ་ཚུ་ དབྱེ་ཞིབ་འབད་ཚུགས་པའི་ཁར་ ཁ་རྗེ་གདམ་འཐུ་གི་འཁོར་རིམ་བཟོ་སྟེ་ ལན་སླབ་ནི་དང་ བཅའ་མར་གཏོགས་བཅུག་ནི་གི་ཐབས་ལམ་ཡང་ བསྒྲིག་ཚུགས། དེ་བཟུམ་སྦེ་ ཐབས་རིག་འདི་ལས་བརྟེན་ ཨིན་མེན་གི་དྲི་བ་དང་ གདམ་ཁ་ཅན་གྱི་དྲི་བ་ཚུ་བཟོ་སྟེ་ སློབ་ཕྲུག་ཚུ་གི་གནས་ཚད་བརྟག་ཞིབ་འབད་ནི་དང་  སྐུགས་ཀྱི་ཚད་གཞི་བཟོ་སྟེ་ དབྱེ་ཞིབ་འབད་ནི་ལུ་ཁེ་ཕན་སྦོམ་སྦེ་ར་ཡོད།

སློབ་གྲྭ་ནང་ལས་ཕར་ སློབ་ཕྲུག་ཚུ་གིས་ ཐབས་གཞི་ (formula) འདི་ལག་ལེན་འཐབ་སྟེ་ ལན་ཕོག་མ་ཕོག་དཔྱད་ཞིབ་འབད་ཚུགས། དེ་ལས་ སློབ་ཕྲུག་ཚུ་གི་ཁོང་རའི་བློ་འདོད་དང་འཁྲིལ་ ཟླ་ཐོ་ ལོ་ཐོ་ ཉིན་ཐོ་དང་ ཉིན་དེབ་ཚུ་ཡང་ གུ་གཱལ་ཤིཊ་ལག་ལེན་འཐབ་སྟེ་ རང་སོའི་རྒྱབ་རྟེན་ཐོ་སྦེ་ལག་ལེན་འཐབ་བཏུབ་པའི་ དེང་སང་ ལྷབ་སྟོན་ཐབས་རིག་ཅིག་ཨིན། སློབ་དཔོན་དང་སློབ་ཕྲུག་གཉིསཔ་ཆ་ར་གིས་ རང་སོའི་ལས་འཆར་དང་འབྲེལ་བའི་གནད་དོན་ཐོ་ སློབ་སྟོན་འཆར་གཞི་ མིང་ཐོ་དང་ རིག་བསྡུར་གྱི་དྲི་བ་ཡང་ གུ་གཱལ་ཤིཊ་ལག་ལེན་འཐབ་སྟེ་ ལྷབ་སྦྱང་གི་མཁོ་ཆས་ཚུ་གི་ནང་ལས་ གཙོ་བོ་རིམ་ཆེ་ཤོས་ཅིག་འབད་ལག་ལེན་འཐབ་དོ་ཡོདཔ་ཨིན།

སློབ་ཕྲུག་ཚུ་གི་འབད་རུང་ ལྷབ་སྦྱང་དང་འབྲེལ་བའི་སྦྱོང་ལཱ་ འབད་བཅུག་པའི་སྐབས་ ཐ་ན་ སྡེ་ཚན་གི་མིང་དང་ ཐོ་ཡིག་ཅིག་ལས་བརྒལ་མ་བཞག་རུང་ གུ་གཱལ་ཤིཊ་འདི་ར་ལག་ལེན་འཐབ་སྟེ་ ལཱ་འབདཝ་མས། དེ་འབད་ལག་ལེན་འཐབ་དགོ་མི་དེ་ཡང་ སློབ་ཕྲུག་དག་པ་ཅིག་དང་གཅིག་ཁར་དྲིས་ལན་འབད་བལྟཝ་ད་ གུ་གཱལ་ཤིཊ་ལག་ལེན་འཐབ་པ་ཅིན་ ལཱ་འཇམ་པའི་ཁར་ ལན་ཡང་ ཐབས་གཞི་ཚུ་ལག་ལེན་འཐབ་སྟེ་བཏོན་པའི་སྐབས་ལུ་ རང་ལུ་དགོ་པའི་ལན་ ག་ཨིནམ་སྦེ་ འཐོབ་ཚུགས་པའི་ཁེ་ཕན་ཡོད་པའི་ཁར་ དུས་ཚོད་འཕྲོ་བརླག་མ་གཏང་པར་ དུས་ཡུན་ཐུང་ཀུ་ཅིག་ནང་ལུ་ར་ དྲི་བ་ཚུ་གི་ལན་ཐད་ཀར་དུ་འཐོབ་ཚུགས་པས། དེ་མ་ཚད་ ལས་སྣ་གཞན་ཚུ་ཡང་ ག་ཐོབ་སྦེ་མེན་པར་ རིམ་པ་དང་འཁྲིལ་བཞག་ཚུགས་པའི་ཁེ་ཕན་འདུག། དེ་གི་ནང་ལས་ ང་བཅས་ར་ཚོང་རིག་ལྷབ་མི་ཅིག་འབདཝ་ལས་ གུ་གཱལ་ཤིཊ་འདི་མེད་ཐབས་མེད་པའི་ ལྷབ་སྟོན་མཁོ་ཆས་ཅིག་ཨིན་ ཟེར་བཤདཔ་མས།

Comments

Popular posts from this blog

Mentimeter

google docs