google docs
https://docs.google.com/document/d/1N9ML1enFNOEC84ixVWR4cL23hjL3z4x4Y26l8EjFGKQ/edit
གུ་གཱལ་དྲོཊས་འདི་ དུས་རབས་ ༢༡ པའི་དུས་ལུ་ ལྷབ་སྦྱང་འབད་ནི་ལུ་ མེད་ཐབས་མེད་པའི་ སློབ་སྟོན་ཐབས་རིག་ཅིག་ཨིན། འདི་གིས་ གྲལ་གཏོགས་ལྷབ་སྦྱང་འབད་ནི། གསར་གཏོད་ཅན་དང་གསར་འཚོལ་གྱི་གོ་སྐབས་འཐོབ་ནི་དང་ ཐབས་རིག་དེ་གིས་ སྤུས་དག་ཚུལ་ལྡན་རིམ་སྒྲིག་གི་ཐོག་ལས་ ལྷབ་སྦྱང་འབད་ཚུགས་པའི་ཁེ་ཕན་ཡོདཔ་ཨིན། དེ་ལས་ སློབ་སྟོན་པ་དང་སློབ་ཕྲུག་གཉིསཔ་ཆ་ར་ལུ་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་ནི་ལུ་གོ་སྐབས་བཟོཝ་མ་ཚད་ ལྷབ་སྦྱང་གི་གནས་རིམ་ཚུ་ལུ་ཡང་ ཚད་འཛིན་འབད་ཚུགསཔ་བཟོཝ་ཨིན། གྲལ་གཏོགས་སློབ་སྟོན་འབད་བའི་སྐབས་ལུ་ སློབ་ཕྲུག་ཚུ་ཡང་ ཁོང་ར་ནང་རྡོག་བསྐྱར་ཞིབ་འབད་ནི་ སྡེ་ཚན་ལས་འགུལ་འབད་ནི་ དཀའ་ངལ་སེལ་ཐབས་དང་ བརྡ་དོན་སྤྲོད་ལེན་འབད་ནིའི་རིག་རྩལ་ཡར་རྒྱས་གཏང་ནི་ལུ་ ཁེ་ཕན་འདུག།
གུ་གཱལ་དྲོཊས་ནང་ལུ་ དྲན་ཐོ་བཞག་ནི་ ལས་འགུལ་འབད་ནི་ ལྷབ་སྟོན་ལམ་སྟོན་བཞག་ནི་ལུ་ཁེ་ཕན་ཡོད་པའི་ཁར་ སློབ་དཔོན་དང་སློབ་ཕྲུག་གཉིསཔ་ཆ་ར་ གལ་གནད་ཅན་གྱི་གནད་དོན་ཚུ་བསྡུ་སྒྲི་འབད་དེ་ཡོད་མི་ཚུ་ ས་གནས་ག་ཏེ་ལས་འབད་རུང་ སྟབས་བདེ་ཏོག་ཏོ་སྦེ་ ལག་ལེན་འཐབ་ཚུགས་པའི་ཁེ་ཕན་ཡོད། དེ་གིས་ སློབ་ཕྲུག་དང་སློབ་དཔོན་གཉིས་ མཉམ་འབྲེལ་སྦེ་ གྲལ་གཏོགས་འབད་དེ་ ལཱ་འབད་ནི་ལུ་གོ་སྐབས་ཡོདཔ་མ་ཚད་ ཐད་ཀར་དུ་སློབ་དཔོན་ཚུ་གིས་ ལས་འགུལ་དང་འབྲེལ་བའི་ལཱ་དང་ ཡིག་རིགས་ཚུ་འབད་ནི་ལུ་ཁེ་ཕན་ཡོད། དེ་བཟུམ་སྦེ་ སློབ་ཕྲུག་ཚུ་གི་ཡང་ སློབ་དཔོན་ལུ་ཐད་ཀར་གྱི་དྲི་བ་ཚུ་བཀོད་ནི་དང་ དོགས་སེལ་འབད་ནི་ དེ་ལས་ ཁོང་རའི་རྒྱུད་ལུ་ ཤེས་ཡོན་གྱི་སྤུས་ཚད་ཡར་དྲགས་གཏང་ནི་ལུ་ཁེ་ཕན་འདུག། ཐབས་ལམ་དེ་གིས་ ལྷབ་སྦྱང་གྲལ་གཏོགས་ཡར་དྲགས་གཏང་ནི་ གསར་གཏོད་ཅན་གྱི་ཐོག་ལུ་ཤེས་ཡོན་གསར་འཚོལ་འབད་ནི་དང་ ཡོངས་འབྲེལ་གྱི་ཐོག་ལུ་ སློབ་དཔོན་དང་སློབ་ཕྲུག་གཉིསཔ་ཆ་ར་ འབྲེལ་བ་འཐབ་ནི་གི་ས་གོ་བཟོ་ནི་ ལུ་ཁེ་ཕན་འདུག།
གུ་གཱལ་ཊོགས་ནང་ལུ་ ཁྱད་གནད་ལེ་ཤ་ལག་ལེན་འཐབ་སྟེ་ སློབ་སྟོན་ལྷབ་སྦྱང་འབད་བཏུབ་པའི་ ཁྱད་ཆོས་ཚང་སྟེ་ཡོད། དེ་ཡང་ གལ་གནད་ཆེ་བའི་གནད་དོན་ཚུ་ གཞན་ལུ་བཏོན་པའི་སྐབས་ སྦྲེལ་མཐུད་བཟོ་སྟེ་བཏོན་ནི་ པར་རིས་བཙུགས་ཏེ་སློབ་སྟོན་འབད་ནི་ ཡིག་འབྲུ་ཡང་སྦོམ་ཆུང་བཟོ་ནི་ ཚོད་གཞི་གཏང་ནི་ དབྱེ་དཔྱད་དང་དབྱེ་ཞིབ་འབད་ནི་གི་ ཁྱད་གནད་ཚང་སྟེ་ཡོད། དེ་མ་ཚད་ ཤོག་ཀུའི་དངོས་དབྱིབས་ཚུ་ཡང་ བཟོ་བཏུབ་པའི་ཁར་ ཁག་ཆེ་མི་ཡིག་རིགས་རེ་མཐོང་པ་ཅིན་ འོག་ཐིག་བཀོད་དེ་ དྲན་གསོ་འབད་ནི་དང་ ཡིག་འབྲུ་ཚུ་གཡོ་སྟེ་ བྲི་ནི་གི་ཁྱད་གནད་ཚང་སྟེ་ཡོདཔ་ཨིན། དེ་མ་ཚད་ ཡིག་འབྲུ་ཚུ་མངོན་གསལ་ཅན་ཅིག་སྦེ་ (Bold) བཟོ་སྟེ་བྲི་ནི་དང་ རིག་བསྡུར་གྱི་དྲི་བ་ཚུ་ཡང་བྲི་སྟེ་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཤེས་ཡོན་གྱི་གནས་ཚད་ དབྱེ་དཔྱད་འབད་ནི་གི་ཁྱད་ཕན་ཡན་ཡོདཔ་ཨིན།
ཐབས་རིག་འདི་ སློབ་གྲྭ་ཁག་ལས་ཕར་དང་ ལས་ཁུངས་དང་ལས་སྡེ་ནང་ལས་ཕར་ དུས་རྒྱུན་དུ་ལག་ལེན་འཐབ་བཏུབ་པའི་མཁོ་ཆས་ཅིག་ཨིན། ཐབས་ལམ་འདི་ལུ་བརྟེན་ཏེ་ གཅིག་གིས་གཅིག་ བརྡ་དོན་སྤྲོད་ལེན་འབད་ཚུགས་པའི་ཁེ་ཕན་ཡོདཔ་མ་ཚད་ དྲན་ཐོ་བཞག་ནི་དང་ ལྷབ་སྦྱང་གི་ཡིག་རིགས་བཞག་ནི་ སྔོན་བྱོན་གོང་མ་ཚུ་གིས་མཛད་ཤུལ་དང་ ད་རེས་ཀྱི་གནས་སྟངས་ཚུ་ མ་འོངས་བུ་རྒྱུད་དང་ཚ་རྒྱུད་ཚུ་གི་དོན་ལུ་ གནས་ཚུལ་དང་ལམ་སྲོལ་བཟང་པོ་ཚུ་ སྐལ་པ་མ་སྟོང་གི་བར་དུ་ བཞག་ཚུགས་པའི་ཕན་པ་ཡོད། དེ་གིས་འབད་ ཐབས་རིག་འདི་ ང་བཅས་ག་ར་ལུ་ མེད་ཐབས་མེད་པའི་སྲོག་ཤིང་ངོ་མ་ཅིག་ཨིན།
Comments
Post a Comment