Coogleit
coggle.it/diagram/ZRZs3UH97bzrAyep/t/
ཀོ་གཱལ་ཨིཊ།
དུས་ཀྱི་འཕོ་འགྱུར་དང་བསྟུན་ ཀོ་གཱལ་ཨིཊ་ ཟེར་བའི་གློག་རིག་ཐབས་རིག་འདི་ སློབ་དཔོན་དང་ སློབ་ཕྲུག་ཚུ་ མཉམ་འབྲེལ་སྦེ་ལྷབ་སྦྱང་འབད་ནི་ལུ་ མེད་ཐབས་མེད་པའི་ སློབ་སྟོན་མཁོ་ཆས་ཅིག་ཨིན། དེ་ཡང་ སློབ་སྟོན་པ་ཚུ་གིས་ གོ་བསྡུར་འབད་ནི་གི་དོན་ལུ་ དོན་ཚན་གཅིག་སྤྲོད་དེ་ཡོད་པ་ཅིན་ ཀོ་གཱལ་ཨིཊ་ ཟེར་བའི་ཐབས་ལམ་འདི་ལག་ལེན་འཐབ་སྟེ་ ཡོངས་འབྲེལ་གྱི་ཐོག་ལས་ སློབ་ཕྲུག་ཚུ་གིས་ ཁོང་རའི་སྡོད་ས་ལས་ གྲལ་གཏོགས་འབད་ཚུགས་པའི་ཁར་ ཆ་རོགས་ཚུ་གིས་བྲིས་མི་ཚུ་ཡང་ ལེགས་བཅོས་འབད་ཚུགས་པའི་ཐུན་རྐྱེན་ཅིག་ཨིན།
ཀོ་གཱལ་ཨིཊ་ལག་ལེན་འཐབ་པ་ཅིན་ ལས་སྣ་ཚུ་བརྩམ་ནི་དང་ ལམ་འགྲུལ་འབད་ནི་ དེ་ལས་ སྡེ་ཚན་སྦེ་ ཡང་ན་ བཟའ་ཚང་དང་གཅིག་ཁར་ ལྷ་ཁང་དགོན་སྡེ་ལས་ཕར་འགྱོ་རུང་ སི་ཀའུཏ་གི་གནས་སྒར་ནང་ལས་ཕར་འགྱོ་བའི་ནམ་དུས་ལུ་ རང་སོའི་དམིགས་གཏད་བསྐྱེད་སའི་ས་གོ་ནང་ལུ་མ་ལྷོད་པའི་རིང་ལུ་ ལམ་ཁར་ ཐ་ན་ ཇ་ཅིག་འཐུང་ནི་ལས་འགོ་བཙུགས་ཏེ་ ག་ཏེ་ལུ་འཐུང་ནི་ཨིན་ན་ ག་དེ་སྦེ་འགྱོ་དགོཔ་ཨིན་ན་ དེའི་འཆར་གཞི་ཚུ་ ཀོ་གཱལ་ཨིཀྲི་ཟེར་མི་འདི་ལག་ལེན་འཐབ་སྟེ་ འགྲུལ་སྐྱོད་འབད་ཚུགས་པའི་ཁེ་ཕན་ཡོད།
སྡེ་ལཱ་ཅིག་འབད་རུང་ འབྲི་རྩོམ་དང་འབྲེལ་བའི་གཞན་ ག་ཅི་ལྷབ་སྦྱང་འབད་རུང་ ཀོ་གཱལ་ཨིཊ་འདི་ཁག་ཆེ་བས། སློབ་སྟོན་འབད་བའི་གནས་སྐབས་ལུ་ སྡེ་ཚན་ནང་ལུ་ འཆར་གཞི་བརྩམ་ནི་ བཤད་པ་བྲི་ནི་དང་ བསམ་འཆར་བརྗེ་སོར་འབད་ནི་ཚུ་ སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ ཁོང་གིས་གོ་བསྡུར་འབད་མི་ཚུ་ལུ་ ལེགས་ཉེས་ཀྱི་བསམ་ལན་བྱིན་ནི་ལུ་ཡང་ ཁེ་ཕན་ཡོད།
སློབ་སྟོན་ཐབས་རིག་འདི་ ལྷབ་སྦྱང་འབད་ནི་གི་དོན་ལུ་ མེད་ཐབས་མེད་པའི་སྲོག་ཤིང་ངོ་མ་ཅིག་ཨིན། ཐབས་ལམ་འདི་ལུ་བརྟེན་ཏེ་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཤེས་ཡོན་འདི་སྤུས་ཚད་ཅན་དང་ མཐར་འཁྱོལ་ཅན་ཅིག་འབད་ ལྷབ་སྦྱང་འབད་ཚུགས་པའི་ཁེ་ཕན་སྦོམ་ཡོདཔ་མ་ཚད་ སློབ་སྟོན་པ་ཚུ་ལུ་ཡང་ ལྷབ་སྟོན་མཁོ་ཆས་དང་ ཁོང་ར་ནང་རྡོག་ལྷབ་སྦྱང་འབད་བཅུག་ནི་གི་ལག་ཆས་ ངོ་མ་ཅིག་ཨིན།
Comments
Post a Comment