Quizizzi
https://quizizz.com/admin/quiz/
ཀུའི་རྫི་ཟེར་བའི་ ལྷབ་སྦྱང་སྦྱང་གི་མཁོ་ཆས་འདི་ དུས་རབས་འདི་ལུ་ ལྷབ་སྦྱང་གི་རིམ་པ་གི་ནང་ལས་ གཙོ་རིམ་ཆེ་ཤོས་ཅིག་འབད་བརྩིཝ་ཨིན། ཐབས་རིག་འདི་ སློབ་ཕྲུག་ཚུ་གི་ ཤེས་ཡོན་གྱི་གནས་ཚད་བརྟག་ཞིབ་འབད་ནི་དང་ དབྱེ་ཞིབ་འབད་ནི་ལུ་ ཕན་བརླབ་ཆེ་བའི་ ཐབས་ཤེས་ངོ་མ་ཅིག་ཨིན། དེ་ཡང་ སློབ་སྟོན་འབད་བའི་གནས་སྐབས་ལུ་ སློབ་སྟོན་པ་ཚུ་གིས་ རིག་བསྡུར་གྱི་དྲི་བ་མ་འདྲཝ་བཟོ་སྟེ་ སློབ་སྟོན་འབད་ཚུགས་པའི་ཁེ་ཕན་ཡོད། དང་པ་ པ་རིས་ལག་ལེན་འཐབ་སྟེ་རིག་བསྡུར་བཟོ་ནི་ ལན་ཐུང་དང་ལན་རིང་གི་དྲི་བ་བཟོ་ནི་ ཞབས་ཁྲ་ངོས་འཛིན་འབད་ནི་ ལ་སོགས་པ་ཚུ་གི་རིག་བསྡུར་དང་འབྲེལ་བའི་དྲི་བ་ཚུ་བཟོ་སྟེ་ སློབ་སྟོན་འབད་ནི་ལུ་སྟབས་བདེ་ཏོག་ཏོ་འདུག
ཐབས་རིག་འདི་ ལས་སྡེ་དང་ལས་ཁུངས་ཁག་ལས་ཕར་ཡང་ བྱ་སྟབས་བདེ་བའི་མཁོ་ཆས་ཅིག་ཨིན། དེ་ཡང་ ཞིབ་འཚོལ་དང་འབྲེལ་བའི་གནས་སྡུད་བསྡུ་ལེན་འབད་དགོ་པ་ཅིན་ ས་གནས་སོ་སོར་ལས་ཕར་འགྱོ་མ་དགོ་པར་ རང་སྡོད་སའི་ས་གོ་འདི་ནང་ལས་ར་ ཀུའི་རྫི་ཟེར་བའི་ཐབས་རིག་འདི་ལག་ལེན་འཐབ་སྟེ་ གནས་ཚུལ་ག་ཨིནམ་སྦེ་ ལེན་ཚུགས་པའི་ཁེ་ཕན་ཡོདཔ་ཨིན། དེ་བཟུམ་སྦེ་ སློབ་སྟོན་པ་ཚུ་གིས་ཡང་ སློབ་ཁང་འབྲི་རྒྱུགས་ སྡེབ་ཕབ་ གནས་ཚད་བརྟག་ཞིབ་ ལྷབ་སྦྱང་གི་གནས་རིམ་ཚུ་ག་ར་ ཐབས་རིག་འདི་གི་ཐོག་ལུ་ དབྱེ་ཞིབ་འབད་དོ་ཡོདཔ་ལས་ དེང་རབས་ཀྱི་དུས་ལུ་ ཐབས་རིག་འདི་ མེད་ཐབས་མེད་པའི་ མིག་ཏོ་གཡས་དང་གཡོན་བཟུམ་ཅིག་ཨིན།
ཐབས་རིག་འདི་ལས་བརྟེན་ སློབ་ཕྲུག་ཚུ་ཡང་ སྔར་ལས་ལྷག་པའི་ཕྱི་ནང་གཉིས་ཀྱི་ལྷབ་སྦྱང་རིམ་ལུགས་དང་འབྲེལ་བའི་ ཐབས་ཤེས་ལུ་མཁས་པའི་མི་ཅིག་ལུ་འགྱུར་དོ་ཡོདཔ་མ་ཚད་ འཚོལ་ཞིབ་འབད་དེ་ ཤེས་ཡོན་གསར་འཚོལ་འབད་དེ་ལྷབ་ནི་ལུ་ཡང་ གཙོ་བོར་བཏོན་མས། དེ་ལས་ ཁོང་ར་ནང་རྡོག་འབད་རུང་ གཅིག་གིས་གཅིག་ དྲི་བ་མ་འདྲཝ་བཟོ་སྟེ་ ཀུའི་རྫི་ཐབས་རིག་འདི་ལག་ལེན་འཐབ་སྟེ་ ལྷབ་སྦྱང་གོ་བསྡུར་འབདཝ་མ་ཚད་ རིག་བསྡུར་གྱི་དྲི་བ་མང་རབ་ཅིག་བཟོ་སྟེ་ ནང་རྡོག་ལྷབ་སྦྱང་གི་དཔྱད་ཞིབ་འབད་དེ་ ཤེས་ཡོན་ལྷབ་ནི་ལུ་ གོམས་འདྲིས་བཙུགས་ནི་ལུ་ ཁེ་ཕན་འབྱུང་མས།
སློབ་ཁང་ནང་ལས་ཕར་ཡང་ སློབ་ཕྲུག་ཚུ་ ཚང་མ་ཚང་བལྟ་ནི་གི་དོན་ལུ་ཡང་ ཐབས་རིག་འདི་ལག་ལེན་འཐབ་སྟེ་ ཡོད་ཐོ་ཚུ་བཀོད་བཏུབ། དེ་མ་ཚད་ སློབ་སྟོན་བསྐྱར་ཞིབ་འབད་ནི་ ཆོས་རྒྱུགས་ཀྱི་དོན་ལུ་ གྲ་སྒྲིག་ཡོད་ག་མེད་ག་དབྱེ་དཔྱད་འབད་ནི་དང་ གནས་ཚུལ་གསར་གཏོད་འབད་ནི་ ཤེས་ཡོན་སྤེལ་ནི་ལ་སོགས་པའི་ ལྷབ་སྦྱང་གི་གསན་སྟངས་ཡར་རྒྱས་གཏང་ཚུགས་པའི་ཐབས་ལམ་ངོ་མ་ཅིག་ཨིན་མས།
Comments
Post a Comment