googleslide
https://docs.google.com/presentation/d/13mc4KEunIGW-FKux4mNXIWWCX7Gkr7YC/edit#slide=id.p1
Google slide གུ་གཱལ་སིལཱིཊ།
གུ་གཱལ་སིལཱིཊ་འདི་ སློབ་སྟོན་འབད་ནི་དང་ ལྷབ་སྦྱང་འབད་ནི་ལུ་ མེད་ཐབས་མེད་པའི་ སློབ་སྟོན་མཁོ་ཆས་ཅིག་ཨིན། སློབ་སྟོན་འབད་བའི་ནམ་དུས་ལུ་ ཧེ་མ་བཟུམ་སྦེ་ ལྷག་དེབ་དང་ བྱང་ཤིང་དེ་ར་ ལག་ལེན་འཐབ་ནི་མེན་པར་ དུས་ཀྱི་འཕོ་འགྱུར་དང་བསྟུན་ ཤེས་རིག་ལེགས་སྒྱུར་དང་འཁྲིལ་བའི་ཐབས་རིག་ཚུ་ལག་ལེན་འཐབ་སྟེ་སློབ་སྟོན་འབད་བ་ཅིན་ སློབ་ཕྲུག་ཚུ་ ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་འཐེབ་སྦེ་ར་བསྐྱེད་ཚུགས་པས།
ཐབས་ལམ་འདི་ལུ་བརྟེན་ཏེ་ སློབ་ཕྲུག་ཚུ་ལུ་ དོན་ཚན་གཅིག་གུར་ མཁས་པའི་འདོད་ཚུལ་ཚུ་ འཚོལ་ཞིབ་འབད་དེ་ སྤྱན་ཞུ་འབད་དེ་ གནད་དོན་ཁ་གསལ་བཟོ་ཚུགས། སྤྱན་ཞུ་འདི་ ཡོངས་འབྲེལ་གྱི་ཐོག་ལུ་འབད་དགོ་ནི་འདི་གིས་ སློབ་ཕྲུག་ཚུ་དབང་པོ་མ་ངལ་བར་ ལྷབ་སྦྱང་འབད་ནི་ལུ་སེམས་ཤུགས་བསྐྱེདཔ་མ་ཚད་ ཁོང་གིས་ཡང་ སློབ་སྟོན་པ་བཟུམ་སྦེ་ར་ ཤེས་ཡོན་གསར་འཚོལ་འབད་དེ་ སྤྱན་ཞུ་འབད་ནི་གི་ཡོན་ཏན་འཐེབ་འཐོབ་ནི་གི་ཁེ་ཕན་ཡོད།
སློབ་ཕྲུག་ཚུ་ གཅིག་གིས་གཅིག་ མོས་མཐུན་གྱི་ཐོག་ལས་ ལྷབ་ནི་གི་གོ་སྐབས་སྤེལཝ་མ་ཚད་ དུས་རབས་༢༡ པའི་དུས་དང་འཁྲིལ་ ཀེ་གཱན་གྱི་ལྷབ་སྟོན་ཐབས་རིག་ཚུ་ལག་ལེན་འཐབ་སྟེ་ ལྷབ་ཚུགས་པའི་ཕན་པ་ཡོད། དེ་ཡང་ སློབ་ཕྲུག་ཚུ་ལུ་ དོན་ཚན་ཚུ་སྤྲོད་དེ་ སྤྱན་ཞུ་འབད་བཅུག་པ་ཅིན་ དང་པ་ ཁོང་ག་ར་སྡེ་ཚན་ནང་ལུ་སྡོད་དེ་ མཉམ་འབྲེལ་སྦེ་ ཤེས་ཡོན་གསར་འཚོལ་འབད་དེ་ རང་སོའི་བསམ་འཆར་བརྗེ་སོར་འབད་ནི་གི་གོ་སྐབས་འཐོབ་པས། གཉིས་པ། ཡོངས་འབྲེལ་ལག་ལེན་འཐབ་ནི་ལུ་་གོམས་འདྲིས་ཚུདཔ་མས། གསུམ་པ་ སྡེབ་སྦྱོར་དང་ མིང་ཚིང་ལག་ལེན་འཐབ་ཐངས་ཚུ་ གོ་རྟོགས་འབད་ཚུགས་པའི་ཁར་ སྤྱན་ཞུ་འབད་ཐངས་དང་ བཤུད་བརྙན་བཟོ་ཐངས་ཀྱི་གོམ་སྦྱང་ཚུད་ནི་ལུ་ ཁེ་ཕན་སྦོམ་མཐོང་ཡི།
གུ་གཱལ་སིལཱིཊ་ལག་ལེན་འཐབ་སྟེ་སློབ་སྟོན་འབད་བ་ཅིན་ དོན་ཚན་བཅུད་དོན་རྐྱབ་སྟེ་སྟོན་ཚུགས་པའི་ཁར་ སློབ་སྟོན་པ་ཚུ་གིས་ དམིགས་གཏད་ཡང་གྲུབ་ཚུགས་པས། དེ་མ་ཚད་ སློབ་ཕྲུག་ཚུ་ཡང་ ཧ་མ་གོཝ་ཚུན་ཚོད་ བཤུད་བརྙན་ཚུ་ལུ་ ལོག་ཅི་ལོག་ཅི་ར་བལྟ་སྟེ་ ལྷབ་སྦྱང་འབད་ཚུགས་པའི་ཁར་ དུས་རབས་འདི་དང་འཁྲིལ་བའི་ ལྷབ་སྟོན་མཁོ་ཆས་ཚུ་ཡང་ སློབ་ཕྲུག་རེ་རེ་བཞིན་དུ་གི་ལག་ལེན་འཐབ་ཚུགས་པའི་དགོས་པ་འདུག
ཐབས་རིག་འདི་ལག་ལེན་འཐབ་པ་ཅིན་ འདི་ནང་ལུ་ སྤྲོ་བ་ཅན་གྱི་ཁྱད་ཆོས་ཚུ་ཚང་སྟེ་ཡོདཔ་ལས་ ལྷབ་སྦྱང་འདི་ ཧ་ཅང་གི་སྤྲོ་བ་ཆེ་ཏོག་ཏོ་སྦེ་འབད་ཚུགས་པས། དཔེར་ན་ སློབ་སྟོན་འབད་བའི་ནམ་དུས་ལུ་ དོན་ཚན་དང་འབྲེལ་བའི་ པར་རིས་བཙུགས་ནི་ གློག་བརྙན་སྦྲེལ་མཐུད་འབད་ནི་ སྒྲ་གཟུང་འབད་ནི་དང་ ངལ་སང་གི་དོན་ལུ་ སློབ་ཕྲུག་གི་གནས་སྟངས་དང་འཁྲིལ་ ག་ཅི་བཟུམ་ལག་ལེན་འཐབ་དགོ་རུང་ སྟབས་བདེ་ཏོག་ཏོ་ཡོདཔ་ཨིན། དེ་བཟུམ་སྦེ་ གལ་སྲིད་ རང་སློབ་ཁང་ནང་ལུ་མ་ལྷོད་དེ་ར་འབད་རུང་ བཤུད་བརྙན་ནང་ལུ་ སྦྱོང་ལཱ་དང་སྦྲགས་ཏེ་ བཀོད་རྒྱ་ཚུ་ཡང་ཁ་གསལ་སྦེ་ སྒྲ་བཟུང་སྟེ་ཡོད་མི་འདི་ སློབ་ཁང་ནང་ལུ་ སློབ་ཕྲུག་ཚུ་ལུ་ཉན་བཅུག་པ་ཅིན་ རང་ངོ་མ་སྦེ་སློབ་ཁང་ནང་ལུ་འགྱོ་སྟེ་ སློབ་སྟོན་འབད་བའི་ཁྱད་ཆོད།
དེ་གིས་འབད་ དུས་ཀྱི་འཕོ་འགྱུར་དང་བསྟུན་ གུ་གཱལ་སིལཱིཊ་ལག་ལེན་འཐབ་པ་ཅིན་ ཤེས་ཡོན་ཚུ་མཉམ་འབྲེལ་སྦེ་ལྷབ་ཚུགས་པའི་ཁེ་ཕན་ཡོདཔ་མ་ཚད་ སློབ་ཕྲུག་བཅའ་མར་མ་གཏོགས་མི་ཚུ་ལུ་ཡང་ གྲལ་གཏོགས་ལྷབ་སྦྱང་འབད་ནི་ལུ་ ཁེ་ཕན་མཐོང་ཡི། དེ་ལས་ སློབ་སྟོན་ཡང་ དུས་ཚོད་ཁར་ རང་གིས་དམིགས་བཏད་བསྐྱེད་དོ་བཟུམ་སྦེ་སློབ་སྟོན་འབད་ཚུགས་པས། སློབ་ཕྲུག་ཚུ་ཡང་ ལྷབ་སྦྱང་འབད་ནི་ལུ་སྤྲོ་བ་འཐེབ་སྐྱེད་དེ་ ཡོངས་འབྲེལ་གྱི་ཐོག་ལས་ལྷབ་ནི་གི་དང་འདོད་བསྐྱེདཔ་མས།
Comments
Post a Comment